

སློབ་མ་ཡང་དག་གི་ཚུལ།
The Way of A Genuine Disciple
Disclaimer: We hereby declare that we do not own the rights to this video. All rights belong to the owner. The Contents are solely for informational purpose. No Copyright Infringement Intended.
Source:
https://www.youtube.com/watch?v=NP2xp9r5yKg
Short Background Story:
This is a conversation between Prince Siddhartha and his first Master, on how a genuine disciple shall be like .
Full Dialogue:
སློབ་དཔོན་གྱིས། གཞོན་ནུ་དོན་གྲུབ། གཞོན་ནུ་དོན་གྲུབ་ཀྱིས།
སློབ་དཔོན་མཆོག སློབ་དཔོན་མཆོག
སོ་སོས་སོ་སོར་སྡུག་སྦྱོང་བཏང་ཉན་གྱི་མ་རེད། འདི་རྡོག་ཁྲེས་ཆགས་ཀྱི་རེད།
མདང་དགོང་ལྷག་བསིལ་དེའི་ཁྲོས་ལ་ཕྱི་ལ་ཉལ་བྱས། སྤྱིལ་བུའི་ནང་[ལ་]མ་ཉལ་ཡག་ག་རེ་ཡིན་པ།
ངས་ནང་ལ་ཉལ་ན་ག་ནས་འགྲིགས་པ།
ཁྱེད་རང་གིས་ང་ཉར་ཡག་གི་ཞལ་བཞེས་གནང་མ་བྱུང་།
ངས་ག་དུས་ཁྱེད་རང་ལ་[ང་]སློབ་མར་ཉར་རོགས་[གནང་]ཞུས་ནའི། ཁྱེད་རང་གིས་[ངར་]ཞལ་འཚེར་འཚེར་གནང་པ་མ་གཏོགས་གཡོལ་བཞུགས་ཀྱིས།
སློབ་མ་ཚོས་སོ་སོའི་སློབ་དཔོན་ལ་བརྟག་དགོས་རེད་ལ།
སློབ་དཔོན་གྱིས་ལའི་སློབ་མར་བརྟག་དཔྱད་བྱེད་དགོས་རེད།
སློབ་མ་དེ། མཚན་ཉིད་[དང་]ལྡན་པའི་སློབ་མ་ཡིན་མིན། བརྟག་དཔྱད་བྱེད་དགོས་རེད།
རང་སླེབས་པའི་ཉིན་མ་དེ་ནས་བྱས། ངས་རང་གི་སྤྱོད་ལམ་ལ་དོ་སྣང་ཞེ་དྲགས་བྱས་པའི་མ་ཚད།
ཉམས་ཚོད་ཡའི་བླངས་པ་ཡིན།
ཁྱེད་རང་[གིས་]ངར་ཉམས་ཚོད་ག་རེ་ལེན་ནའི་ལེན་རོགས་གནང་། ཁྱེད་རང་[གིས་]ང་དགེ་ཕྲུག་[ལ་]ཉར་པའི་གཞུག་གུ ངས། ག་རེ་ཡིན་ནའི་བྱེད་ཐུབ་པ་སློབ་དཔོན་མཆོག
རང་ནང་བཞིན་བསྒོམ་[གྱི་]ཉམས་ལེན་ལ་སྐོམ་པ་ཆུ་འདོད་ལྟར་བྱེད་ཉན། ངས་ཁྱོན་ནས་མཐོང་མྱོང་མེད། ཁྱོན་ནས་མཐོང་མྱོང་མེད།
ངའི་མིག་[གི་]ནང་ལ། རང་སློབ་མ་ཚད་ལྡན་གཅིག་རེད་བཞག
རང་གཤིས་རྒྱུད་བཟང་པོ་ཡོད་པའི་མ་ཚད། སེམས་ལ་ལྷད་མི་འདུག ད་དུང་།
ད་དུང་ག་རེ་འདུག
སོ་སོའི་དམིགས་ཡུལ་ག་འདྲས་ཟེ་བྱས་བསྒྲུབས་དགོས་མེད་ཤེས་ཉན་གཅིག་རེད་བཞག
Sentence Translation:
The Master: ”Siddhartha!" (Buddha’s name at the palace)
Siddhartha: ”Supreme Master!, Supreme Master!"
The Master:
”It is not okay to torture oneself. This will become burdensome.
Last night amid cool wind, sleeping outside, not sleeping inside, why so?"
Siddhartha:
”How come it would be okay if I sleep inside?
You have not accepted to keep me.
Whenever I asked you to keep [me] as a disciple, except for having given a soft smile, you’ve kept on ignoring [me]."
The Master:
”The disciples should check [on] one’s Master and, the Master also should examine [at] the disciples.
The disciple must be examined on whether or not he is with the characteristics.
From the day you arrived, I have not only paid very much attention to your behaviors but also done tests."
Sidhartha:
”Please do whatever test on me. In case that you would take me as a disciple, I can do whatever. Supreme Master!"
The Master:
”Someone like you acting like a thirsty person wanting water for the practice of meditation, I have never ever seen, never ever seen!
In my eyes, I found you to be someone authentic disciple.
You not only have a good nature, you don’t have any stains in the mind. Moreover…"
Sidhartha:
”Moreover what [is there]?”
The Master: “[I] have found [you] to be someone who knows how to have one’s own goal accomplished.”
Siddhartha: ”So, well then.”
Word Translation:
སོ་སོས་སོ་སོར་ by oneself to oneself, (རང་གིས་རང་ལ་ similar meaning)
(སྡུག་སྦྱོང་བཏང་ maltreat, torture, སྡུག་པོ་བཏང་ (this is more spoken),
Verb + ཉན་གྱི་མ་རེད། this has same meaning as ’verb + ན་འགྲིག་གི་མ་རེད།’
རྡོག་ཁྲེས་ burden, load, burdensome, ཆགས་ become, attach, settle, ཀྱི་རེད། (future simple helping verb for others),
མདང་དགོང་ last night, ལྷག་བསིལ་ cool wind, དེའི་ཁྲོས་ལ་ in the mids of that, ཕྱི་ལ་ [at] outside, ཉལ་ sleep/slept, བྱས that way, so, ། སྤྱིལ་བུ hut, འི་ནང་[ལ་] in, མ་ཉལ་ཡག་ not sleeping, ག་རེ་ཡིན་པ། why so, what is it?,
ངས་ by me, ནང་ལ་ [at] inside, ཉལ་ན་ if sleep, ག་ནས་འགྲིགས་པ[་རེད]། lit. from what [angle] it would be okay,
ཁྱེད་རང་གིས་ by you, ང་ I, me (context wise), ཉར་ཡག་ keeping, (ཉར་ keep), གི་ related to, of, ཞལ་བཞེས་གནང་ accept[ed], མ་བྱུང་ didn’t have (to me), །
ཞལ་བཞེས་གནང་ (ཞེ་ས་རེད་) / ཁས་ལེན་བྱེད་ (ཕལ་སྐད་རེད།) to accept/promise [to do something],’
ཉར་ keep,
ངས་ by me, ག་དུས་ when, ཁྱེད་རང་ལ་ to you, སློབ་མ disciple, ར་ as, ཉར་རོགས་[གནང་] please keep/have, ཞུས་ asked, ནའི ever, ། ཁྱེད་རང་གིས་ by you, ཞལ་འཚེར་འཚེར་གནང་ smiling [softly], (འཛུམ་མུལ་མུལ་བྱེད་ common language), པ་ such, that, མ་གཏོགས་ exept for, གཡོལ་ avoid, ignore, བཞུགས་ཀྱིས། (བཞུགས་ཀྱི་འདུག /བསྡད་ཀྱི་འདུག) staying, keep on,
བརྟག་/ བརྟག་དཔྱད་བྱེད་ (དོན་དག་གཅིག་པ་རེད།) check, examine,
སློབ་དཔོན་གྱིས་ལའི་/ སློབ་དཔོན་གྱིས་ཀྱང་ (དོན་དག་གཅིག་པ་རེད།) [by] the Master also,
(ལའི་ as ’also’ this term is heard only in Lhasa dialect)
མཚན་ཉིད་[དང་]ལྡན་པ་/མཚན་ལྡན་ with the characteristics/nature,
ཉིན་མ་དེ་ནས་བྱས་/ཉིན་མ་དེ་ནས་བཟུང་ (དོན་དག་གཅིག་པ་རེད།) : from the day since,
སྤྱོད་ལམ་ conduct, behavior,
དོ་སྣང་བྱེད་ pay attention, show interest,
མ་ཚད་/མ་ཟད་ not just, not only,
ཉམས་ཚོད་ལེན་ test (verb), certify, justify, (བླངས་ is past of ལེན་)
རང་/ཁྱེད་རང་
ནང་བཞིན་ just as,
སྐོམ་པ་ a thirsty one, ཆུ་འདོད་ wanting water, ལྟར་ like,
བྱེད་ཉན་/བྱེད་མཁན་ one who does/doing,
ཚད་ལྡན་ authentic,
གཅིག་ one, someone, something,
རེད་བཞག / རེད་འདུག (have similar meaning), found to be,
གཤིས་རྒྱུད་བཟང་པོ་ good nature/manner,
ག་འདྲས་ཟེ་བྱས་/ག་འདྲས་ཟེ་ (similar meaning),
བསྒྲུབས་དགོས་མེད་/བསྒྲུབས་དགོས་ཡོད་མེད་ (same meaning),
ཤེས་ཉན་ / ཤེས་མཁན་ one who knows,
Structure:
Verb + མྱོང་
-
Affirmative: Verb + མྱོང་ཡོད།/མེད།: have experienced doing something
-
Questioning: Verb + མྱོང་ཡོད་པས།/མེད་པས།: have ever experienced doing something?
(also applicable with འདུག and ཡོད་རེད། => མྱོང་འདུག / ཡོད་རེད།)
Examples on How to Use The Structure:
1. སངས་རྒྱས་ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཅིག་ལ་ཡང་གནོད་པ་བྱེད་མྱོང་ཡོད་མ་རེད།
སངས་རྒྱས་ Buddha | ཡང་ན་ or | བྱང་ཆུབ་སེམས་དཔའ་རྣམས་ Bodhisattvas | ཀྱིས་ by | སེམས་ཅན་ sentient beings | གཅིག་ one | ལ་ to/at | ཡང་ even | གནོད་པ་བྱེད་མྱོང་ have harmed | ཡོད་མ་རེད not, །
The Buddha and The Bodhisattvas have never harmed even one sentient being.
2. ང་ཚོས་ཨ་མ་ལགས་ལ་ངུ་བཅུག་མྱོང་ཡོད་ན། ད་ལྟ་རང་ནས་དེ་འདྲ་བྱེད་ཡག་སྤང་དགོས་རེད། ད་དུང་བཤགས་པ་བྱེད་ཡག་གི་གོ་སྐབས་ཡག་ཤོས་དེ་ད་ལྟའི་དུས་ཚོད་ད་ག་རང་འདི་རེད། གཞན་མ་གཏོགས་མ་འོངས་པ་ལ་འགྱོད་པ་སྐྱེ་ཡག་གཅིག་པུ་ཆགས་ཀྱི་རེད།
ང་ཚོས་ by us | ཨ་མ་ལགས་ mothers | ལ་ to | ངུ་བཅུག་མྱོང་ཡོད་ have made cry | ན if ། ད་ལྟ་རང་ནས་ from now on | དེ་འདྲ་ like such | བྱེད་ཡག་ doing | སྤང་ abandon | དགོས་རེད་ need ། | ད་དུང་ moreover/furthermore | བཤགས་པ་ apologise/say sorry | བྱེད་ཡག་ doing | གི་ of | གོ་སྐབས་ chance/opportunity | ཡག་ཤོས་ best | དེ་ such/that | ད་ལྟའི་དུས་ཚོད་ present moment | ད་ག་རང་ exactly | འདི་ this | རེད is ། | གཞན་མ་གཏོགས་ otherwise | མ་འོངས་པ་ future | ལ་ in | འགྱོད་པ་སྐྱེ་ཡག་ regretting | གཅིག་པུ་ only | ཆགས་ཀྱི་རེད will become, །
If we have made [our] mothers cry, we need to stop doing such from now on. Moreover, right this moment is the time to apologise. Otherwise, in the future, [we] will only become regretting.
3. གཞན་ལ་ཕན་ཐོགས་བྱེད་པའི་སྐབས་ལ་ཁྱེད་རང་ཚོས་ཧུར་དག་འབད་དག་བྱེད་མྱོང་ཡོད་པས། བྱེད་མྱོང་ཡོད་ན་དེ་དུས་སྐྱིད་པོ་འདུག་གས།
གཞན་ others | ལ་ to/for | ཕན་ཐོགས་བྱེད་པ benefitting | འི་ of | སྐབས་ time | ལ་ at | ཁྱེད་རང་ཚོས་ by you | ཧུར་དག་འབད་དག་ earnestly/wholeheartedly | བྱེད་མྱོང་ have done | ཡོད་པས yes or no? ། | བྱེད་མྱོང་ཡོད་ have done | ན་ if | དེ་དུས་ that time | སྐྱིད་པོ་ happy/joyful | འདུག་གས yes or no? །
Have you ever wholeheartedly benefited others? If [you have done] so, at such time, were [you] joyful?