
-
THE PARTICLES (ཕྲད།):
གྱིས་ཀྱིས་གིས་འིས་ཡིས་
Name of the particle is ‘བྱེད་སྒྲ།’
Translated as ‘Agentive particle’
Lit. meaning:
སྒྲ་ term [that shows] བྱེད་ the doer [of the action]
It is the 3rd case
-
FUNCTIONS (འཇུག་པ།):
I. རྣམ་དབྱེའི་ཕྲད་ལ་འཇུག་པ། ‘Preposition’ Ways
II. རྣམ་དབྱེ་མ་ཡིན་པའི་ཕྲད་ལ་འཇུག་པ། ‘Conjunction’ Ways
I. རྣམ་དབྱེའི་ཕྲད་ལ་འཇུག་པ།
‘Preposition’ Ways
Can be translated as: by, with, through, since, over, in,
1. བྱེད་པ་པོ་གཙོ་བོ་སྟོན་པ། Showing the main doer
2. བྱེད་པ་པོ་ཕལ་པ་(བྱེད་པ་)སྟོན་པ། Showing the secondary doer
/showing the tool/method/means/ways that is used by the main doer in order to do an action
3. རྒྱུ་མཚན་སྟོན་པ། Showing the reason of the action/happening
4. ཁྱད་པར་སྟོན་པ། Showing the difference in a comparison
5. ཚད་བཟུང་སྟོན་པ། Showing the limitation
6. གཞི་མཐུན་སྟོན་པ། Showing the compatible basis
1. བྱེད་པ་པོ་གཙོ་བོ་སྟོན་པ།
Showing the main doer
Answering the question ‘who (as a doer)’, ‘by whom’,
དཔེར་བརྗོད། Examples:
1.
དམ་ཆོས་སུས་འཆད་དོ།།
དམ་ཆོས་བླ་མས་འཆད་དོ།།
དམ་ཆོས་ Sacred Dharma, / སུས་ by whom, / འཆད་ teach, དོ (finishing particle), །།
དམ་ཆོས་ Sacred Dharma, / བླ་མ ‘Lama’, Master, ས་ by, / འཆད་ teach, དོ (finishing particle), །།
Who teaches Sacred Dharma?
Lama teaches the Sacred Dharma.
2.
སློབ་སྦྱོང་སུས་བྱེད་དོ།།
སློབ་སྦྱོང་སློབ་ཕྲུག་གིས་བྱེད་དོ།།
སློབ་སྦྱོང་ study, / སུས་ by whom, / བྱེད་ do, དོ (finishing particle), །།
སློབ་སྦྱོང་ study, / སློབ་ཕྲུག་ student, གིས་ by, / བྱེད་ do, དོ (finishing particle), །།
Who does the studies?
Student do the studies.
3.
ཁ་ལག་སུས་བཟོ་འོ།།
ཁ་ལག་མ་ཆེན་གྱིས་བཟོ་འོ།།
ཁ་ལག་ food, meal, / སུས་ by whom, / བཟོ་ make, འོ (finishing particle),
ཁ་ལག་ food, meal, / མ་ཆེན་ cook, གྱིས་ by, / བཟོ་ make, འོ (finishing particle), །།
Who makes meals?
Cooks make meals.
4.
ཞིང་ཁ་སུས་འདེབས་སོ།།
ཞིང་ཁ་ཞིང་པས་འདེབས་སོ།།
ཞིང་ཁ་ field, / སུས་ by whom, / འདེབས་ sow, སོ (finishing particle), །།
ཞིང་ཁ་ field, / ཞིང་པ farmer, ས་ by, / འདེབས་ sow, སོ (finishing particle), །།
Who sows the fields?
Farmer sow the fields.
5.
ཚོང་སུས་རྒྱག་གོ།
ཚོང་ཚོང་པས་རྒྱག་གོ།
ཚོང་ business, / སུས་ by whom, / རྒྱག་ do, གོ (finishing particle), །
ཚོང་ business, / ཚོང་པ business man/woman, ས་ by, / རྒྱག་ do, གོ (finishing particle), །
Who does business?
Businessmen do business.
2. བྱེད་པ་པོ་ཕལ་པ་(བྱེད་པ་)སྟོན་པ།
Showing the secondary doer/the tool/method/means/ways that is used by the main doer in order to do an action
Answering mainly the question ‘how’, and also ‘with what',
དཔེར་བརྗོད། Examples:
1.
ཁོང་གིས་མེ་ཏོག་དེ་ཅི་ཡིས་འབྲི་འོ།།
ཁོང་གིས་མེ་ཏོག་དེ་ཞ་སྨྱུག་གྱིས་འབྲི་འོ།།
ཁོང་ he/she, གིས་ by, / མེ་ཏོག་ flower, དེ་ that, the, / ཅི་ what, ཡིས་ with, / འབྲི་ drawing/writting, འོ (finishing particle), །།
ཁོང་ he/she, གིས་ by, / མེ་ཏོག་ flower, དེ་ that, the, / ཞ་སྨྱུགl་ pencil, གིས་ with, / འབྲི་ drawing/writting, འོ (finishing particle), །།
With what is he/she drawing the flower?
He/she is drawing the flower with a pencil.
2.
ཁོང་གིས་ཤིང་ཅི་ཡིས་གཅོད་དོ།།
ཤིང་སྟ་རེས་གཅོད་དོ།།
ཁོང་ he/she, གིས་ by, / ཤིང་ wood, / ཅི་ what, ཡིས་ with, / གཅོད་ cut, དོ (finishing particle), །།
ཁོང་ he/she, གིས་ by, / ཤིང་ wood, / སྟ་རེ axe, ས་ with, / གཅོད་ cut, དོ (finishing particle), །།
With what is he/she cutting the wood?
He/she cutting the wood with an axe.
3.
ས་གཞི་སྤོས་ཆུས་བྱུགས།
ས་གཞི་ ground, / སྤོས་ཆུ perfume, ས་ by, with, / བྱུགས smeared, །
The ground is smeared with perfume.
4.
བླ་མས་སློབ་མ་སྙིང་རྗེས་འདྲེན།
བླ་མ ‘Lama’, ‘Guru’, Master, ས་ by, / སློབ་མ་ disciple, / སྙིང་རྗེ compassion, ས་ by means of, / འདྲེན guide, །
Gurus guide disciples by means of compassion.
3. རྒྱུ་མཚན་སྟོན་པ།
Showing the reason of the action/happening
Answering mainly the question ‘how’, and also ‘why’,
དཔེར་བརྗོད། Examples:
1.
ཁོང་ཆང་བཏུངས་པས་ར་བཟི།
ཁོང་ he/she, / ཆང་ ‘chang’, - བཏུངས་ drank, པས་ that’s why, / ར་བཟི got drunk,
He/she got drunk because of drinking ‘chang’.
2.
ཡུལ་ངན་སྤངས་པས་ཉོན་མོངས་འགྲིབ།
ཡུལ་ place, country, ངན་ bad, - སྤངས་ abandoned, པས་ because of having, / ཉོན་མོངས་ affliction, / འགྲིབ decrease, །
Because of the bad place is abandoned, affliction decreases.
3.
རྣམ་གཡེང་མེད་པས་དགེ་སྦྱོར་འཕེལ།
རྣམ་གཡེང་ distraction, - མེད་ there is no, no, པ one have, that, ས་ because of, / དགེ་སྦྱོར་ virtuous activities, / འཕེལ increase, །
Because of no distractions, virtuous activities increase.
4.
རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེས།།
རིག་པ་ awareness, - དྭངས་ clear, པས་ that’s why, / ཆོས་ Dharma, ལ་ in, over, / ངེས་ཤེས་ certainty, / སྐྱེས arose, །།
Because of the clear awareness, the certainty over ‘Dharma’ arose.
5.
མིག་ཤེས་གཟུགས་ལ་ཆགས་པས་ཕྱེ་སླེབ་མར་མེར་འཆི།
མིག་ཤེས་ eye consciousness, - གཟུགས་ form, ལ་ to, - ཆགས་པ attachment, ས་ because of, / ཕྱེ་སླེབ་ butterfly / མར་མེ light, ར་ in, / འཆི die, །
Because of the eye consciousness attached to forms, butterflies die in the lamps.
6.
རྣ་བ་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད།
རྣ་བ་ sound consciousness - སྒྲ་ sounds, ལ་ to - ཆགས་པ attachment, ས་ because of, / རི་དྭགས་ deer, / རྔོན་པ་ hunter, because of, / གསོད killed, །
Because the ears are attached to sounds, deers are killed by hunters.
7.
སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ།
སྣ་ nose consciousness - དྲི་ smell, ལ་ to - ཆགས་པ attachment, ས་ because of, / བུང་བ་ bee / མེ་ཏོག་ flower, ཏུ་ in, / འཐུམ wrapped།
Because the nose is attached to smells, bees get wrapped up in flowers.
8.
ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན།
ལྕེ་ tongue consciousness - རོ་ taste, ལ་ to - ཆགས་པ attachment, ས་ because of, / ཉ་མོ་ fish / ལྕགས་ hook, ཀྱུས་ by, / འཛིན caught, །
Because the tongue is attached to tastes, fishes are caught by hooks.
9.
ལུས་རེག་བྱ་ལ་ཆགས་པས་གླང་པོ་འདམ་དུ་བྱིང་།
ལུས་ body, - རེག་བྱ་ touch, ལ་ to, - ཆགས་ attach[ed], པ such, that,ས་ because of, / གླང་པོ་ elephant, / འདམ་ mud, དུ་ in, / བྱིང་ sunk,།
Because the body is attached to touches, elephants are sunk in the mud.
4. ཁྱད་པར་སྟོན་པ།
Showing the difference in a comparison
Answering mainly the question ‘How’
དཔེར་བརྗོད། Examples:
1.
གླང་ཆེན་སྟག་ལས་གཟུགས་སྟོབས་ཀྱིས་ཆེའོ།།
གླང་ཆེན་ elephant, / སྟག་ tiger, ལས་ than, compare to, / གཟུགས་སྟོབས་ body strength, ཀྱིས་ by, / ཆེ greater, འོ (finishing particle), །།
An elephant is greater than a tiger in terms of body strength.
2.
ཁོང་ང་ལས་ལོ་གཉིས་ཀྱིས་ཆུང་ངོ་།།
ཁོང་ he/she, / ང་ i, ལས་ than, compare to, / ལོ་ year, གཉིས་ two, ཀྱིས་ by, / ཆུང་ smaller, younger, ངོ་ (finishing particle), །
He is younger than me by two years.
3.
འགྲོ་བ་མི་དུད་འགྲོ་ལས་རྣམ་དཔྱོད་ཀྱིས་བཟང་།
འགྲོ་བ་མི་ human being, / དུད་འགྲོ་ animal, ལས་ than, compare to, / རྣམ་དཔྱོད་ intellect, ཀྱིས་ by, in terms of, / བཟང་ better, །
Human beings are better than animals in terms of intellect.
5. ཚད་བཟུང་སྟོན་པ།
Showing the limitation
Answering mainly the question ‘How’
དཔེར་བརྗོད། Examples:
1.
ཐུགས་སྤྲོ་ལ་མོག་མོག་ཙམ་གྱིས་མི་འགྲིག་གོ།
ཐུགས་སྤྲོ་ party, ལ་ at, for, / མོག་མོག་ ‘momo’ (dumpling), ཙམ་ just, གྱིས་ by, / མི་ not, འགྲིག་ okay, གོ (finishing particle), །
For a party, it is not okay with just momos.
2.
བྱང་ཆུབ་སེམས་ལ་བསམ་པ་ཙམ་གྱིས་བསོད་ནམས་དཔག་མེད་ཐོབ།
བྱང་ཆུབ་སེམས་ Bodhicitta, enlightening mind, ལ་ on, - བསམ་པ་ to think, ཙམ་ just, གྱིས་ by, / བསོད་ནམས་ merit, དཔག་མེད་ unfathomable, / ཐོབ obtained, །
One receives unfathomable merits just through contemplating on Bodhicitta.
3.
ཁྱེད་རང་བྱོན་པ་ཙམ་གྱིས་ལེགས་སོ།།
ཁྱེད་རང་ you, / བྱོན་པ་ have come, ཙམ་ just, གྱིས་ by, / ལེགས་ excellent, སོ (finishing particle), །།
You are great just by coming.
4.
ཁོང་གདམས་ངག་དེ་ཐོས་པ་ཙམ་གྱིས་གྲོལ་བ་ཡིན།
ཁོང་ he/she, / གདམས་ངག་ instruction, དེ་ that, the, - ཐོས་པ་ have heard, ཙམ་ just, གྱིས་ by, / གྲོལ་བ་ liberated, / ཡིན is, །
He/she is liberated just by hearing the instructions.
6. གཞི་མཐུན་སྟོན་པ།
Showing matched basis
Showing matched basis
དཔེར་བརྗོད། Examples:
1.
སེམས་ཅན་ལ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད།
སེམས་ཅན་ sentient being, ལ་ as for, / གྲངས་ number, - བསམ་གྱིས་མི་ཁྱབ་པ་ inconceivable, / ཡོད there is/are, །
As for sentient beings, there is an inconceivable numbers.
བསམ་གྱིས་མི་ཁྱབ་པ་ not penetrable by thoughts
2.
ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན།
ཆོས་ phenomena, ཐམས་ཅད་ all, / རང་བཞིན་ own nature, གྱིས་ by, - སྟོང་པ་ empty, emptied, / ཡིན is/are, །
All phenomena are empty by nature.
3.
སྣོད་དེ་ཆར་ཆུས་གང་བ་ཡིན།
སྣོད་ container, pot, དེ་ that, the, / ཆར་ཆུ rain water, ས་ with, - གང་བ་ filled, / ཡིན is, །
The pot is filled with rainwater.
4.
དབུལ་པོ་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕོངས་པ་ཡིན།
དབུལ་པོ་ poor one, / རྒྱུ་ནོར་ wealth, ལོངས་སྤྱོད་ enjoyment, ཀྱིས་ by, - ཕོངས་པ་ devoid, / ཡིན is/are, །
The poor one is devoid of wealth-wise enjoyment.
5.
འཁོར་བ་ན་སེམས་ཅན་སྡུག་བསྔལ་གྱིས་མནར།
འཁོར་བ་ Samsara, world, ན་ in, / སེམས་ཅན་ sentient being, / སྡུག་བསྔལ་ suffering, གྱིས་ by, / མནར torment[ed], །
In the Samsara, beings are tomented by sufferings.
II. རྣམ་དབྱེ་མ་ཡིན་པའི་ཕྲད་ལ་འཇུག་པ།
‘Conjunction’ ways
Translations can be mainly ‘and’ or ‘but’.
1. མཐུན་པའི་རྒྱན་དུ། Harmoniously ornamenting
2. མི་མཐུན་པའི་རྒྱན་དུ། Disharmoniously ornamenting
1. མཐུན་པའི་རྒྱན་དུ།
Harmoniously ornamenting
At this time, the particle is translated mainly as ‘and’.
དཔེར་བརྗོད། Examples:
1.
ངས་བཤད་ཀྱིས་ཁྱོད་ཀྱིས་ཉོན་ཅིག
ང I, ས་ by, / བཤད་ speak, say, ཀྱིས་ and, > ཁྱོད་ you, ཀྱིས་ by, / ཉོན་ listen, ཅིག !,
I will speak, and you will listen!
2.
འདི་ཀུན་རྫོབ་ལ་མེད་ཀྱིས་དོན་དམ་ལ་ཡང་མེད།
འདི་ this, / ཀུན་རྫོབ་ conventional, ལ་ in, / མེད་ not there, ཀྱིས་ and, > དོན་དམ་ ultimate, ལ་ in, ཡང་ aslo, / མེད not there, །
This is not there in the conventional sense and also not there at the ultimate level.
3.
ཁོང་སེམས་བཟང་ཅན་ཡིན་གྱིས་ཤེས་ཡོན་ཅན་ཡང་ཡིན།
ཁོང་ he/she, / སེམས་བཟང་ཅན་ goodhearted, / ཡིན་ is, གྱིས་ and, > ཤེས་ཡོན་ཅན་ educated, ཡང་ also, / ཡིན is, །
He/she is a goodhearted person and also an educated one.
4.
དེ་དགོན་པ་ལ་སོང་གིས་ཁྲོམ་ལ་ཡང་སོང་ངོ་།
དེ་ he/she/it, / དགོན་པ་ monastery, ལ་ to, / སོང་ went, གིས་ and, > ཁྲོམ་ market, ལ་ to, ཡང་ also, / སོང་ went, ངོ་ (finishing particle), །།
He/she went to the monastery and also to the market.
2. མི་མཐུན་པའི་རྒྱན་དུ།
Disharmoniously ornamenting
At this time, the particle is translated mainly as ‘but’.
དཔེར་བརྗོད། Examples:
1.
དེ་དགོན་པ་ལ་སོང་གིས་ཁྲོམ་ལ་མ་སོང་།
དེ་ that/it/he/she, / དགོན་པ་ monastery, ལ་ to, / སོང་ went, གིས་ but, / ཁྲོམ་ market, ལ་ to, / མ་སོང་ not went, didn’t go, །
He/she went to the monastery but not to the market.
2.
ཁྱོད་ཆང་འཐུངས་ཀྱིས་མ་བཟི་ཞིག
ཁྱོད་ you, / ཆང་ ‘chang’ (a Tibetan drink), / འཐུངས་ drink!, ཀྱིས་ but, / མ་བཟི་ don’t get drunk, ཞིག !,
You drink ‘chang’, but don’t get drunk!
3.
འདི་ཀུན་རྫོབ་ལ་ཡོད་ཀྱིས་དོན་དམ་ལ་མེད།
འདི་ this, / ཀུན་རྫོབ་ conventional, ལ་ in, / ཡོད་ there is/are, ཀྱིས་ but, / དོན་དམ་ ultimate, ལ་ in, / མེད not there, །
This is there in the conventional, but not in the ultimate.
4.
དེ་ཆོས་པ་ཡིན་གྱིས་ཐེག་ཆེན་པ་མིན།
དེ་ he/she, / ཆོས་པ་ Dharma practitioner, / ཡིན་ is, གྱིས་ but, / ཐེག་ཆེན་པ་ Mahayanian, / མིན is not, །
He/she is a Dharma practitioner but not a Mahayanian.
-
WRITING WAYS: (སྦྱོར་ཚུལ།)
The words ending with the letter ན་མ་ར་ལ་ get the particle གྱིས་:
གཞན་ གཞན་གྱིས་དབང་། powered by others
བསམ་ བསམ་གྱིས་མི་ཁྱབ་པ། impenetrable by thought, inconceivable
དར་ དར་གྱིས་དྲིལ། wrapped by a scarf
དལ་ དལ་གྱིས་སོང་། went slowly
The words ending with the letter ད་བ་ས་ get the particle ཀྱིས་:
ཡུད་ ཡུད་ཀྱིས་གྲོལ། instantly liberated
འུབ་ འུབ་ཀྱིས་བསྡུས། gathered in one swoop
ཆོས་ ཆོས་ཀྱིས་ཐུལ། tamed by Dharma
ཐབས་ ཐབས་ཀྱིས་ཟིན། embraced with method
ཕྱིནད་ ཕྱིནད་ཀྱིས་སླེབས། went and reached
The words ending with the letter ག་ང་ get the particle གིས་:
བདག་ བདག་གིས་རྙེད། found by me, I found,
རང་ རང་གིས་རང་ལ། by one to oneself
The words ending with the letter འ་ get the particle འིས་ or ཡིས་:
དཔའ་ བྱང་ཆུབ་སེམས་དཔས་སྐྱོབ། being saved by Bodhisattvas
བྱང་ཆུབ་སེམས་དཔའ་ཡིས་སྐྱོབ། being saved by Bodhisattvas
Note: When the particle འིས་ is written, the suffix འ་ of the preceding word is removed and only the ས་ is written. Thus, བྱང་ཆུབ་སེམས་དཔའ་འིས་ is བྱང་ཆུབ་སེམས་དཔས་
The words without an ending letter also get the particle འིས་ or ཡིས་:
སུ་ དེ་སུས་བྱས། Who did it? (སུས་ by who)
སུ་ཡིས་བྱས། Who did [it]? (སུ་ཡིས་ by who)
Note: When without suffix, the particle འིས་ is written without the syllable breaking dot (་) of the preceding word and as before, it is written with only the letter ས་. Thus, སུ་འིས་ is སུས་.