.webp)
Cầu Nguyện Hồi Hướng
Người Nhà đọc bản dịch của những Dòng này ở đây nhé!

Đánh vần
từng dòng
Từng dòng ở
tốc độ chậm
Từng dòng ở
tốc độ thường
དགེ་བ་འདི་ཡིས་སྐྱེ་བོ་ཀུན།།
བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌།།
བསོད་ནམས་ཡེ་ཤེས་ལས་བྱུང་བའི།།
དམ་པ་གཉིས་ནི་ཐོབ་པར་ཤོག།
Cả đoạn ở
tốc độ thường

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌།།
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌།།
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
སྐྱེས་པ་ཉམས་པ་མེད་པ་དང་།།
གོང་ནས་གོང་དུ་འཕེལ་བར་ཤོག།

འབད་དང་རྩོལ་བས་མ་གོས་པ།།
ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།།
སེམས་ཅན་རེ་བ་སྐོང་མཛད་པ།།
བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག།


སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
དུས་གསུམ་རྒྱལ་བའི་ཡུམ་གྱིས་བཀྲ་ཤིས་ཤོག།
